三世一切佛的智慧性,

归宗一起赭黄色之光,

愚痴暗夜敌阵全摧毁,

智慧光芒赐我作保护!

 

为了除却末日时弊病,

愿力促使生于雪域地,

力行弘扬释教藏文化,

礼敬博学学者多识师!

 

怙主运用无障智眼察,

确定多识转世之灵童,

儿童时期坐上狮子床,

吉祥声名震于天人间!

 

就学桑科玖美大师和,

十明之主拉茂次成等,

恭敬受教名师勤于学,

少年时期学富已出名!

 

藏汉文字学术并精通,

佛经经续密教全掌握,

学术方面胡说八道众,

据理批驳除您还有谁?!

 

对于密宗非议之人士,

据理批驳金刚箭雨击,

木生虫子依靠木生存,

无上瑜伽修法您阐释!

 

总括佛法八万四千种,

精华总集六字真言咒,

污蔑宣传之人称赵橹,

颠倒之见俗眼您擦亮!

 

您若不发正义直言论,

藏文教育引入阴沟里,

废弃不用变成虚空界,

依法藏人口中都在说!

 

有些为了逐名追利徒,

乌鸦有无齿说充写作,

(“乌鸦有无齿说”指没有意义的作品)

师就经中解释隐晦义,

推理辨难前所未有作!

 

吞弥语法使之更明白,

《辨难语法》精研心中出,

《诗镜》解释扎根于现代,

从此藏文有了现代诗!

 

哲学四派及其根道果,

根本主张一一分清楚,

易懂易记作成偈颂体,

庄严雪域文化功德著!

 

特别续部所净能净法,

道果次第内容明辨之,

自己掌纹那样很清楚,

师之睿智阳光皆照亮!

 

祖宗前人历史宝盒里,

褒贬失当年限错乱等,

慈悲善巧依根据充分,

确定不了义处师纠错!

 

声明因明工艺及医学,

天文历算造句学风水,

十明学科通俗详解说,

除师当代精通无一人!

 

想着逐虹青年作家群,

献给下凡春姑娘之诗,

牦牛赞歌歌颂藏性格,

措辞允当韵味深长作!

 

博士研究生员因易入,

佛教深广道中取其精,

以一致全通俗教科书,

雪域藏地福气所得到!

 

为了汉地有缘信仰众,

无缘慈悲发起大善心,

爱心爆发智慧等等书,

汉文介绍佛教书多种!

 

教育各族学生用善巧,

从事教育事业极勤苦,

一生经历品格善行等,

黄河长江一样藏人知!

 

作为学者讲辩著著称,

德性表现戒定慧三行,

贤者作风事业不放弃,

贤达末日导师除您谁?!

 

从现在起直至轮回尽,

信仰您与虔诚祈祷您,

大发悲心护持我众生,

直至觉悟您做导引师!

 

这样所颂所写应赞赞,

献给学者之中大学者,

心情溢于言表所作为,

其中有错误处表忏悔!


༄༅།།བསྔགས་འོས་བསྔགས་པ།

——མཁས་པའི་དབང་བོ་ཨ་ལགས་དོར་ཞི་རིན་པོ་ཆེ་ལ་ཕུལ་བ།
རྩིང་བ་དཀོན་བྷེ།


དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཁམས།།

གཅིག་ཏུ་བཟླུམས་པའི་དམར་སེར་འོད་ཀྱི་མདས།།

མ་རིག་མུན་པའི་དཔུང་བ་མཐར་བསྐྲད་དེ།།

ཤེས་རབ་སྣང་བས་བདག་ལ་མགོན་སྐྱོབ་མཛོད།།

 

ཆེར་སྙིགས་དུས་ཀྱི་རྒུད་པ་བསལ་ཕྱིར་དུ།།

སྨོན་ལམ་དབང་གིས་སཱ་ལིའི་སྨན་ལྗོངས་སུ།།

བསམ་བཞིན་བྱོན་ནས་ཆོས་རིག་གསལ་མཛད་པའི།།

མཁས་དབང་དོར་ཞི་མཆོག་ལ་མགོས་ཕྱག་འཚལ།།

 

མགོན་པོས་སྒྲིབ་མེད་ཡེ་ཤེས་ཀྱིས་གཟིགས་ཏེ།།

དོར་ཞིའི་སྐུ་ཡི་སྐྱེ་བར་ཐག་བཅད་དེ།།

བྱིས་པའི་དུས་ནས་མི་འཇིགས་སེང་གེའི་ཁྲིར།།

བཀོད་པའི་ངོ་མཚར་གྲགས་པ་ལྷ་ཡིས་སྒྲོག།

 

དེ་ནས་ཁྱབ་བདག་བསང་ཁོག་འཇིགས་མེད་དང་།།

རིག་བཅུའི་དབང་ཕྱུག་ལྷ་མོ་ཚུལ་ཁྲིམས་སོགས།།

བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་མཛད་དེ།།

གཞོན་ནུའི་དུས་ནས་མཁས་པའི་བཙན་ས་ཟིན།།

 

བོད་རྒྱའི་རིག་གཞུང་ཀུན་ལ་བྱང་ཆུབ་ཅིང་།།

མདོ་རྒྱུད་མན་ངག་ཡོངས་ལ་ཐུགས་འདྲེས་པའི།།

གནའ་དེང་མཚམས་ནས་ལངས་ཏེ་སྨྲ་ངན་ཀུན།།

རིགས་པས་ཆམ་ལ་ཕབ་མཁན་ཁྱོད་མིན་སུ།།

 

གསང་སྔགས་ལོག་འགྲེལ་མཁན་པོ་ཧྭ་ཤང་ལ།།

ལུང་རིགས་རྡོ་རྗེ་ཆར་བས་འཐག་མཛད་དེ།།

ཤིང་སྐྱེས་སྲིན་བུས་རྟེན་ཤིང་ཟ་ཚུལ་གྱི།།

བླ་མེད་རྣལ་འབྱོར་སྐྱོང་ལུགས་ཁྱོད་ཀྱིས་གསུང་།།

 

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙིང་བོ་མཆོག།

གཅིག་ཏུ་བསྡུས་པའི་གཟུངས་མཆོག་ཡི་གེ་དྲུག།

རྨོངས་པས་འགྲེལ་བྱེད་ཟད་བྱེད་ཀྲའོ་ལོའུ་ཡི།།

ཚུར་མཐོང་མིག་ཟུང་ཁྱོད་བློའི་རིག་པས་ཕྱེས།།

 

ཁྱོད་ཀྱིས་ཡིན་ལུགས་བདེན་པས་མ་སྨྲ་ན།།

མཚོ་ལྷོའི་བོད་ཡིག་ལོག་པས་ཁ་བསྒྱུར་ནས།།

ཅང་མེད་སྟོང་བའི་དབྱིངས་ལ་མངགས་སོ་ཞེས།།

ཆོས་ལྡན་བོད་མིའི་ངག་ན་རླུང་ལྟར་གྲག།

 

ལ་ལས་ཕོགས་དང་གོ་མིང་འཐོབ་ཕྱིར་དུ།།

བྱ་རོག་སོར་རྟོག་བསྟན་བཅོས་བརྩམས་ལ་བྲེལ།།

ཉིད་ཀྱིས་གཞུང་གི་གསལ་ཁ་མ་ཐོན་པ།།

རིགས་པས་དཔྱད་དེ་སྔར་མེད་བསྟན་བཅོས་མཛད།།

 

སློབ་དཔོན་ཐོན་མིའི་སུམ་རྟགས་དགོངས་རྒྱན་དུ།།

བརྡ་སྤྲོད་དཀའ་འགྲེལ་ཐུགས་མཚོ་བསྲུབས་ལས་འཁྲུངས།།

སྙན་ངག་མེ་ལོང་སྦས་དོན་གསལ་བྱེད་དུ།།

བརྩམས་པའི་དེང་རབས་སྙན་ངག་བོད་དུ་དྲངས།།

 

གྲུབ་མཐའ་རྣམ་བཞིའི་གཞི་ལམ་འབྲས་གསུམ་གྱི།།

རྩ་བའི་དམ་བཅའ་མ་འདྲེས་སོ་སོ་རུ།།

གོ་བདེ་འཛིན་སླའི་ཕྱིར་དུ་ཚིགས་བཅད་དུ།།

བསྡེབས་པའི་ཕྱག་རྗེས་གངས་རིའི་ལྗོངས་སུ་ལྷམ།།

 

ཁྱད་པར་རྒྱུད་ཀྱི་སྦྱངས་བྱ་སྦྱོངས་བྱེད་དང་།།

སྦྱངས་འབྲས་གོ་རིམ་མ་འཐབ་རྣམ་དབྱེ་ཀུན།།

ཕྱག་གི་རྫས་བཞིན་མ་སྒྲིབ་མངོན་སུམ་དུ།།

ཁྱོད་བློ་ཉི་མ་གཞོན་ནུས་གསལ་བར་བྱས།།

 

སྔོན་བྱུང་མེས་པོའི་ལོ་རྒྱུས་ཟ་མ་ཏོག།

སྒྲོ་སྐུར་ཚིག་གིས་ལྷད་པར་མ་བཟོད་པར།།

ཐུགས་རྗེའི་ཐབས་མཁས་མཛད་པ་མངོན་བསྟར་ནས།།

དྲང་དོན་དགོངས་པ་ཅན་དུ་ཁྱོད་ཀྱིས་བཀྲལ།།

 

སྒྲ་ཚད་བཟོ་གསོ་རྣམ་རིག་སྐར་རྩིས་དང་།།

སྡེབ་སྦྱོར་ས་དཔྱད་ཐུན་མིན་རིག་གནས་ཀུན།།

གོ་སླའི་ངག་གིས་གསལ་ཁ་མཛད་པ་ལ།།

ཁྱོད་ལས་མཁས་པ་དུས་འདིར་མ་བྱོན་འདྲ།།

 

དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ་ན།།

འཇའ་འཛིན་འདོད་པའི་བྱིས་པ་ལང་ཤོར་ཚོར།།

བོད་ཀྱི་གཡང་ཟོག་གཡག་གི་རང་བཞིན་དེ།།

བསྡེབས་ལེགས་ཚིག་གི་ལམ་ནས་ཁྱོད་ཀྱིས་ཞུས།།

 

ཞིབ་འཇུག་སློབ་མ་ནང་རིག་འཇུག་བདེ་ཕྱིར།།

ཟབ་རྒྱས་གཞུང་གི་མན་ངག་ཁོལ་ཕྱུངས་ཏེ།།

གཅིག་ཤེས་ཀུན་ནས་གྲོལ་བའི་དཔེ་དེབ་མཆོག།

བསོད་ནམས་ཟོང་གིས་གངས་རིའི་ལྗོངས་སུ་བསུས།།

 

ཁྱད་པར་ཙི་ནའི་ཞིང་གི་སེམས་ཅན་ལ།།

དམིགས་མེད་བརྩེ་བའི་ཐུགས་རྗེས་མ་བཏང་བར།།

སྙིང་རྗེ་ལས་འཁྲུངས་ཤེས་རབ་ཀྱིས་གཙོས་པའི།།

གསུང་གི་མཛད་པས་བསྐྱངས་པའི་མཐའ་མ་རིག།

 

རིས་མེད་སློབ་མར་ཐུགས་རྗེ་ཐབས་མཁས་ཀྱིས།།

ཡོངས་སུ་སྐྱོ་མེད་བརྩོན་པས་མཐར་བསྐྱལ་ཏེ།།

བརྩེ་བས་བསྐྱངས་པའི་རྣམ་དཀར་མཛད་པ་མཆོག།

རྨ་འབྲིའི་རྒྱུན་བཞིན་བོད་མིའི་སེམས་སུ་གསལ།།

 

མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་།།

བཙུན་པའི་བྱ་བ་བསླབ་གསུམ་ཉམས་ལེན་དང་།།

བཟང་བོའི་བྱ་བས་དུས་ཀུན་མ་བཏང་བའི།།

སྙིགས་དུས་འགྲོ་བའི་དེད་དཔོན་ཁྱོད་མིན་སུ།།

 

དེང་ནས་ཇི་སྲིད་འཁོར་བ་མ་སྟོང་བར།།

ཁྱེད་ལ་དད་པས་གསོལ་བ་བཏབ་པའི་མཐུས།།

བདག་སོགས་འགྲོ་བར་བརྩེ་བས་རྗེས་བཟུང་སྟེ།།

བྱང་ཆུབ་མ་འཐོབ་བར་དུ་བསྐྱང་དུ་གསོལ།།

 

དེ་སྐད་ཞུས་པའི་བསྔགས་འོས་བསྔགས་བསྟོད་འདི།།

མཁས་ལས་མཁས་པར་ཕུལ་བའི་སེམས་ཀྱི་མདངས།།

མ་བཅོས་ཕྱི་རུ་གཟུགས་སུ་འཕོས་པ་ལས།།

ཉེས་ན་འགྱོད་པས་མཁས་གང་སོགས་ལ་འཆག།

༢༠༢༣-༦-༣༠ཉིན།

1691302758648933.jpg

多识·洛桑图丹琼排,藏族,甘肃天祝人。原西北民族大学教授、博士生导师,甘肃省朵什寺第六世转世活佛,甘肃多识爱心基金会发起人。多识教授精通藏、汉语言学及藏传十明学科,先后从事教书育人工作60年,系雪域当代深孚众望的教育工作者、藏汉翻译家和藏传佛学一代宗师。曾荣获国家民委“突出贡献专家奖”、中国藏学研究珠峰奖“荣誉奖”、藏区民间“希望文化金奖”等多种奖励。多识教授用藏、汉两种文字出版的30多种著作,共有70多版次及100多万发行量,其中《爱心中爆发的智慧》书系自20世纪90年代中期出版以来,享誉海内外。多识教授先后在美国加利福尼亚大学、日本早稻田大学、蒙古国立大学、台湾南华大学、佛光大学、法鼓山文理学院、中山大学、北大、人大、复旦、华东师大等国内外几十所高校和诸多论坛作了近百场藏族文化、藏传佛教哲学与伦理学的系列演讲及读者交流活动。

1691303454344452.jpg

作者简介:藏哇·高拜,藏族母语诗人,中国少数民族作家协会会员,甘肃省作协会员。生于甘南博拉,供职于甘南报社,2008年获甘南州《达赛尔》优秀诗人称号。2009年荣获甘肃省少数民族文学二等奖。2016年获全国第三届岗坚杯藏族文学奖。