དབྱངས་ཅན་མའི་བསྟོད་པ།
ཆུ་འཛིན་དཀར་བོའི་གློག་ཕྲེང་དྲ་བ་ཅན།།
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།
རང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།།
པངྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག།།
མཐོན་ཐང་རལ་བའི་རྩེ་ན་འོད་དཀར་ཅན།།
རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མས།།
ད་དུང་བདག་ལ་ངག་གི་དབང་ཕྱུག་བསྩོལ།།
རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།
མིག་གིས་བལྟ་བས་མི་ངོམས་ཡིད་འཕྲོག་མ།།
མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།
ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།
ཟབ་ཡང་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ།།
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུལ།།
妙音天女礼赞
宗喀巴大师撰赐
卓尼德格尔敬译
白云闪电光环垂缨络,
天空美饰一般意乐母,
妙龄乐神群中妩媚态,
长怀爱心天女请驾临!
莲容花貌灵动蜜蜂眼,
天蓝发髻顶端月牙现,
妖娆舞姿绰约妙音女,
祈请再为我赐语自在!
嬉戏舞姿优雅梅鹿眼,
眼睛百看不厌意乐母,
母爱一样您将我言语,
语王天女一般成自在!
貌比金秋明月更美妙,
梵音天乐亦能被胜伏,
语音深邃似海不可测,
妙音天女身语意我敬!
善哉!
卓尼•德格尔,藏族,又名杨世宏,1957年8月出生,甘肃卓尼人。中共党员,硕士,教授,毕业于西北民族大学。研究方向为民族高等教育双语教学。曾任甘肃民族师范学院副院长,学术带头人。先后在《西藏教育》等刊物上发表教学研究论文十余篇,先后出版《中学藏语文教学法》《卓尼版丹珠尔大藏经序目》《第一世嘉木样传》《西藏的佛教》《西藏摄政策墨林活佛略传》《卓尼藏族创世史诗•舍巴》等6部编译著,其中《卓尼版“丹珠尔”大藏经序目》荣获甘肃省高校社会科学成果二等奖,甘肃省第六次社会科学优秀成果“兴陇奖”三等奖。